ཡིག་ཚང་གསལ་བསྒྲགས།
༉ དུད་འགྲོའི་རང་དབང་ཞི་བདེ་ཚོགས་པའི་ཡོངས་ཁྱབ་ཞལ་འཛོམས་ཐེངས་གཉིས་པ་ མུ་ཏི་ཐང་སློབ་གྲྭ་ཆེ་བའི་ཞལ་འཛོམས་ཁང་ནང་ཚོགས་ཡོད་པའི་གྲོས་ཆོད་ལྟར་ ལོ་གཅིག་ལུ་དུས་ཆེན་ངེས་མེད་གཅིག་ནང་ དམིགས་བསལ་གྱི་ལས་རིམ་གཅིག་བཟོ་ཞིནམ་ལས་ སྡེ་ཚན་རེ་རེ་དང་ཡང་ཅིན་གནས་སྟངས་དང་ཁྲིལ་ཏེ་དཀར་མེ་སྟོང་མཆོད་དང་བརྒྱ་མཆོད་ཚུ་ཕུལ་ནི་སྦེ་གྲོས་ཆོད་གྲུབ་ཡོདཔ་ལས་ དུས་ཅིག་གནམ་ལོ་༢༠༢༤ ལོར་ ལྷ་འབབ་དུས་ཆེན་དང་འབྲེལ་ མ་དངུལ་བགོ་བཀྲམ་གྱི་ཐོག་ལས་ རྫོང་ཁག་༢༠ གི་འགོ་ཁྲིདཔ་ཡོངས་ཀྱི་ རང་སོའི་རྫོང་ཁག་ནང་ལུ་ལས་རིམ་འགོ་འདྲེན་འཐབ་ཐོག་ལས་ དཀར་ཟས་བགོ་བ་བརྡ་སྤྲོད་འབད་ནི་ཨིནམ་པའི་གྲོས་བསྟུན་ ལས་བྱེད་ཚོགས་ཚུང་གི་སྡེ་ཚན་ནང་ལུ་མང་ཉུང་གི་ཐོག་ལས་གྲོས་ཆོད་གྲུབ་ཡོདཔ་ལས་ ལས་རིམ་དེའི་དོན་ལུ་གྲ་སྒྲིག་མཛད་ནང་ཟེར་བའི་དྲན་སྐུལ་ལུ།
ལས་རིམ་འགོ་དཔོན།
དུད་འགྲོའི་རང་དབང་ཞི་བདེ་ཚོགས་པ།